当前位置: 首页>政务公开>信息公开目录
索引号: 000014349/2025-00020 文号:
发布机构: 市自然资源局 主题分类: 国土资源能源
组配分类: 通知公告 发文日期: 2025-07-03
山南市自然资源局关于违法用地举报奖励机制(试行)的通告

为进一步规范管理,强化监督,充分调动社会各界参与监督的积极性,拓宽信息来源渠道,发现、防范和惩处违法用地行为,有效维护公共利益自即日起正式实施违法用地举报奖励机制(试行)有效期为2年。现将具体事项通如下:

一、目的与原则

一是鼓励社会各界通过规定渠道,实名举报对本辖区内行政、企业事业单位和其他生产经营者、个人的违法用地行为共同营造社会良好秩序;二是举报内容须真实、客观、具体,有据可查,严禁捏造、诬告、陷害三是对举报人身份信息及举报内容实行严格保密制度(法律法规规定或举报人同意公开的除外),切实保护举报人合法权益,严禁任何形式的打击报复四是对受理的举报信息及时响应、认真核查、依法依规处理,并适时反馈(在不泄露调查细节和举报人信息前提下)五是对经查证属实举报,依据奖励标准给予相应物质奖励。

二、举报方式与渠道

为方便举报,设立以下便捷渠道:举报人可以通过山南市自然资源局门户网站、信函、电话等方式举报(举报电话:0893-7821360、0893-7892039)。

三、举报人权益保护

受理举报的部门和人员负有严格保密义务。严禁泄露举报人姓名、身份、联系方式、举报内容等任何可能识别举报人身份的信息。调查过程严格控制知情范围

 四、组织实施与解释

(一)本机制由山南市自然资源局牵头组织实施,负责举报受理、核查协调、奖励评定建议及日常管理。

(二)机制自发布之日起正式生效,试2年

(三)机制最终解释权归山南市自然资源局所有。

建立健全举报奖励机制是强化管理、防范风险、维护公正的重要举措。鼓励广大人民群众和社会各界人士依法依规行使监督权利。共同营造风清气正、合规高效的发展环境贡献力量

特此通告!


山南市自然资源局
2025年7月2日

山南市自然资源局违法用地举报奖励机制(试行)【汉语版】

山南市自然资源局违法用地举报

奖励机制(试行)

一、工作目标
    为鼓励公众积极参与自然资源监督管理,严厉打击土地违法行为,进一步规范行业管理秩序,根据《中华人民共和国土地管理法》《中华人民共和国土地管理法实施条例》等法律法规,结合工作实际,制定本机制。

二、试用范围

本机制适用于山南市自然资源局接报的违法用地和行为举报事项核查处理等工作,自然资源相关咨询、信访等事项不适用本机制。

三、举报主体

任何公民、法人和其他组织都有权对本辖区内行政、企业事业单位和其他生产经营者、个人的违法用地行为依法进行举报,鼓励企业内部知情人员对企业违法用地行为进行举报。

四、违法行为定义

本机制所指违法用地行为是指违反《中华人民共和国土地管理法》《中华人民共和国土地管理法实施条例》等自然资源有关法律、法规和规章的行为。

五、经费来源

违法用地行为举报奖励经费纳入财政预算并在使用过程中接受相关部门的监督。

六、举报奖励条件

举报奖励应当同时符合下列条件:一是有明确的被举报对象、详细地址和具体违法事实或者违法线索;二是举报人举报的违法行为属自然资源主管部门尚未发现的;三是举报事项经市自然资源局核查属实的;四是举报人必须实名制。

七、不予受理情形

举报事项具有下列情形之一的,不予受理:一是报告事项基本信息不清、无明确的举报对象或者具体的举报事项;二是举报的违法用地行为在报告前已被依法查处,或者报告线索图斑已被土地卫片系统监测并下发开始整改的;三是行政案件已结的涉法涉诉事项;四是单一举报人重复举报同一违法线索的;五是其他不符合法律、法规、规章规定的奖励情形的。

八、真实性要求

举报人应对其举报的真实性负责,不得捏造、歪曲事实,不得诬告、陷害他人,否则依法承担相应的法律责任。

九、禁止性规定

举报人不得采取违法行为收集有关证据。举报人违法收集证据的,依法承担相应的法律责任。举报人在违法收集证据过程中危及人身安全、造成人身伤害或者其他损失的,依法承担相应责任。

十、举报途径

举报人可以通过山南市自然资源局门户网站、信函、电话等方式举报(举报电话:0893-7821360、0893-7892039)。

十一、奖励标准

举报事项经核查属实的,应当按下列规定对举报人给予奖励:举报的违法行为涉及违法占用或破坏一般耕地10亩以下、永久基本农田5亩以下的,经核查属实,奖励500元;违法行为涉及违法占用或破坏一般耕地10亩(含)以上的、永久基本农田5亩(含)以上的,经核查属实,奖励1000元。

十二、举报规则

举报奖励实施应遵循以下规则:一是多人多次举报同一事项的,最先举报人给予一次性奖励;二是多人联名举报同一事项的,由举报的第一署名人或者第一署名人书面委托的其他署名人领取奖励;三是对同一举报人的同一举报事项,不重复奖励;对同一举报人提起的两个或者两个以上有包含关系的举报事项,相同内容部分不重复奖励。

十三、奖金具体数额的确定和发放要求

奖金的具体数额由政策法规与执法监督科根据具体情况拟定,报局党组会议研究确定,举报奖金应当一次性发放。

十四、领奖要求

举报人接到领奖通知后,应当在60日内凭本人有效身份证件、工作单位及职务信息到指定地点领取奖金,也可通过本人银行账号转账形式领取奖金。逾期未领取奖金者,视为放弃领奖权利;能够说明合理理由的,可以延长10日领取奖金;举报人主动要求放弃奖励的,终止奖励程序。

十五、工作纪律

参与举报处理工作的人员应当严格遵守保密制度,依法保护举报人的合法权益,妥善保管和使用举报材料,不得私自摘抄、复制、扣押、销毁;未经举报人同意,不得以任何方式泄露举报人的姓名、住址、电话、有关案情及接受奖励等情况;核实情况时,不得暴露举报人的身份;对匿名的举报书信及材料,不得鉴定笔记;宣传报道和奖励举报有功人员,除本人同意外,不得公开举报人的姓名、单位。

本机制自印发之日起试行,有效期为2年,最终解释权归山南市自然资源局。

山南市自然资源局违法用地举报奖励机制(试行)【藏语版】

ལྷོ་ཁ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུད་ཀྱི་ཁྲིམས་འགལ་ངང་ས་ཆ་བཟུང་སྤྱོད་བྱེད་པའི་ཐེར་འདོན་གོང་ཞུའི་བྱ་དགའི་ལམ་སྲོལ་(ཚོད་ལྟའི་ལག་བསྟར་)       

དང་པོ། ལས་ཀའི་དམིགས་ཡུལ། 

མང་ཚོགས་ཀྱིས་རང་བྱུང་ཐོན་ཁུངས་ལྟ་སྐུལ་དོ་དམ་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་ཁྲིམས་འགལ་ངང་ས་ཆ་བཟུང་སྤྱོད་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ལས་རིགས་དོ་དམ་གྱི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་ཆ་དོ་དམ་བཅའ་ཁྲིམས་དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་ཆ་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་སོགས་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལམ་སྲོལ་འདི་བཟོས་པ་ཡིན

གཉིས་པ། ཚོད་ལྟའི་ཁྱབ་ཁོངས།

ལམ་སྲོལ་དེ་ལྷོ་ཁ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུ་དུ་སྙན་སེང་འབྱོར་བའི་ཁྲིམས་འགལ་ངང་ས་ཆ་བཟུང་སྤྱོད་ཀྱི་བྱ་སྤྱོད་ཐེར་འདོན་གོང་ཞུའི་དོན་ཚན་ལ་ཞིབ་བཤེར་ཐག་གཅོད་བྱེད་པ་སོགས་ཀྱི་ལས་དོན་ལ་སྤྱད་འཐུས་པ་དང། རང་བྱུང་ཐོན་ཁུངས་ཀྱི་འབྲེལ་ཡོད་བློ་འདྲི་དང་ཡིག་བསྐུར་ངོ་བཅར་སོགས་ཀྱི་དོན་ཚན་ལ་ལམ་སྲོལ་དེ་སྤྱད་ན་འཚམ་པོ་མེད།

གསུམ་པ། ཐེར་འདོན་བྱེད་མཁན་གཙོ་བོ།

སྤྱི་དམངས་དང་།ཁྲིམས་མི།རྩ་འཛུགས་གཞན་དག་བཅས་ཚང་མ་རང་ཁོངས་ས་ཁུལ་གྱི་སྲིད་འཛིན་དང་།ཁེ་ལས། བྱ་གཞག་ཚན་པ། ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་གཞན་དགམི་སྒེར་བཅས་ཀྱི་ཁྲིམས་འགལ་ངང་ས་ཆ་བཟུང་སྤྱོད་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཐེར་འདོན་གོང་ཞུ་བྱེད་དབང་ཡོད་པ་དང་།ཁེ་ལས་ནང་ཁུལ་གནས་ཚུལ་ཤེས་མཁན་གྱིས་ཁེ་ལས་ཀྱི་ཁྲིམས་འགལ་ངང་ས་ཆ་བཟུང་སྤྱོད་བྱེད་པའི་བྱ་སྤྱོད་ཐེར་འདོན་གོང་ཞུ་བྱེད་པར་སྐུལ་ལྕག་བྱེད་དགོས།

བཞི་པ། ཁྲིམས་འགལ་བྱ་སྤྱོད་ཀྱི་མཚན་ཉིད།

ལམ་སྲོལ་འདིའི་ནང་བསྟན་པའི་ཁྲིམས་འགལ་གྱིས་ས་ཆ་བཟུང་སྤྱོད་བྱེད་པའི་བྱ་སྤྱོད་ཅེས་པ་ནི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་ཆ་དོ་དམ་བཅའ་ཁྲིམས་དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་ཆ་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་སོགས་རང་བྱུང་ཐོན་ཁུངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་།ཁྲིམས་སྲོལ།སྒྲིག་སྲོལ་བཅས་དང་འགལ་བའི་བྱ་སྤྱོད་ལ་ཟེར།

ལྔ་པ། གྲོན་དངུལ་ཡོང་ཁུངས།

ཁྲིམས་འགལ་ངང་ས་ཆ་བཟུང་སྤྱོད་བྱེད་པའི་བྱ་སྤྱོད་ཐེར་འདོན་གོང་ཞུའི་བྱ་དགའི་གྲོན་དངུལ་དེ་ནོར་སྲིད་སྔོན་རྩིས་ནང་བཅུག་པ་དང་འབྲེལ་བེད་སྤྱོད་བྱེད་རིང་འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་དང་ལེན་བྱེད་དགོས། 

དྲུག་པ། ཐེར་འདོན་གོང་ཞུའི་བྱ་དགའི་ཆ་རྐྱེན།

ཐེར་འདོན་གོང་ཞུའི་བྱ་དགའ་སྤྲོད་པར་དུས་མཚུངས་སུ་གཤམ་གསལ་གྱི་ཆ་རྐྱེན་ཚང་དགོས་པ་སྟེ།གཅིག་ནི་ཐེར་འདོན་གོང་ཞུ་བྱ་ཡུལ་དང་།སྡོད་གནས་ཞིབ་ཕྲ།ཁྲིམས་འགལ་གྱི་བྱ་སྤྱོད་དོན་དངོས་སམ་ཁྲིམས་འགལ་གྱི་ཁུངས་སྣེ་ཞིབ་ཕྲ་བཅས་ཁ་གསལ་ཡོད་དགོས་པ་དང་།གཉིས་ནི་ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་ཐེར་འདོན་གོང་ཞུ་བྱས་པའི་ཁྲིམས་འགལ་བྱ་སྤྱོད་དེ་རང་བྱུང་ཐོན་ཁུངས་གཙོ་གཉེར་ཚན་པས་ཤེས་རྟོགས་བྱུང་མེད་པ། གསུམ་ནི་ཐེར་འདོན་གོང་ཞུའི་དོན་གནད་དེ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་ཡིན་པ། བཞི་ནི་ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་ངེས་པར་དུ་མིང་ངོ་མ་འགོད་དགོས།

བདུན་པ། བདག་སྤྲོད་མི་བྱེད་པའི་གནས་ཚུལ།

ཐེར་འདོན་གོང་ཞུའི་དོན་དག་ལ་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ན་བདག་སྤྲོད་བྱ་རྒྱུ་མིན་པ་སྟེ། གཅིག་ནི་སྙན་ཞུའི་དོན་ཚན་གྱི་གཞི་རྩའི་ཆ་འཕྲིན་གསལ་པོ་མེད་པ་དང་། ཐེར་འདོན་བྱ་ཡུལ་གསལ་པོ་མེད་པའམ་ཡང་ན་ཐེར་འདོན་དོན་ཚན་ཞིབ་ཕྲ་མེད་པ། གཉིས་ནི་ཐེར་འདོན་གོང་ཞུ་བྱས་པའི་ཁྲིམས་འགལ་ངང་ས་ཆ་བཟུང་སྤྱོད་བྱེད་པའི་བྱ་སྤྱོད་སྙན་སེང་མ་ཞུས་གོང་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པའམ་ཡང་ན་ཁུངས་སྣེའི་པར་རིས་སྙན་སེང་ཞུས་ནས་ས་ཆའི་སྲུང་སྐར་པར་རིས་མ་ལག་གིས་ལྟ་ཞིབ་ཚད་ལེན་བྱས་པ་དང་འབྲེལ་གཤམ་སྤེལ་བྱས་ནས་བཅོས་སྒྲིག་བྱེད་འགོ་ཚུགས་པ། གསུམ་ནི་སྲིད་འཛིན་གྱོད་གཞི་ཐག་གཅོད་བྱས་ཟིན་པའི་ཁྲིམས་ལུགས་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་དོན་གནད། བཞི་ནི་ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་ཁྲིམས་འགལ་གྱི་ཁུངས་སྣེ་གཅིག་བསྐྱར་དུ་ཐེར་འདོན་གོང་ཞུ་བྱས་པ། ལྔ་ནི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་གཏན་འབེབས་དང་མི་མཐུན་པའི་བྱ་དགའ་སྤྲོད་ཚུལ་གཞན་དག་བཅས་ཡིན།

བརྒྱད་པ། དོན་དངོས་རང་བཞིན་གྱི་བླང་བྱ།

ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་རང་གིས་ཐེར་འདོན་གོང་ཞུ་བྱས་པའི་བདེན་དངོས་རང་བཞིན་ལ་འགན་འཁུར་དགོས་པ་ལས། དོན་དངོས་རྫུན་བཟོ་དང་འཁྱོག་བཤད་བྱས་མི་ཆོག་པ།མི་གཞན་ལ་སྙོན་འཛུགས་ཞུ་སྦྱོར་དང་མ་ཉེས་ཁག་གཡོགས་བྱས་མི་ཆོག  དེ་ལྟར་བྱས་ན་ཁྲིམས་ལྟར་འབྲེལ་ཡོད་ཀྱི་འགན་འཁྲི་འཁུར་དགོས

དགུ་པ། བཀག་སྡོམ་རང་བཞིན་གྱི་གཏན་འབེབས།

ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་ཁྲིམས་འགལ་བྱ་སྤྱོད་སྤྱད་དེ་འབྲེལ་ཡོད་དཔང་རྟགས་འཚོལ་བསྡུ་བྱས་མི་ཆོག ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་ཁྲིམས་འགལ་ངང་དཔང་རྟགས་འཚོལ་བསྡུ་བྱས་ཚེ་ཁྲིམས་ལྟར་དེ་མཚུངས་ཀྱི་ཁྲིམས་ལུགས་འགན་འཁྲི་འཁུར་དགོས། ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་ཁྲིམས་འགལ་ངང་དཔང་རྟགས་འཚོལ་བསྡུ་བྱེད་པའི་བརྒྱུད་རིམ་ནང་མི་ལུས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པ་དང་མི་ལུས་ལ་གནོད་འཚེ་བཏང་བའམ་ཡང་ན་གྱོང་གུན་གཞན་དག་བཟོས་ཚེ་ཁྲིམས་ལྟར་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས།

བཅུ་པ། ཐེར་འདོན་གོང་ཞུའི་ཐབས་ལམ།

ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་ལྷོ་ཁ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱི་གཙོ་ཆེའི་དྲ་ཚིགས་དང་འཕྲིན་ཡིག ཁ་པར་སོགས་ཀྱི་བྱ་ཐབས་བརྒྱུད། (ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས། 0893-7821360 0893-7892039)ཐེར་འདོན་བྱས་ཆོག  

བཅུ་གཅིག བྱ་དགའི་ཚད་གཞི། 

ཐེར་འདོན་གོང་ཞུའི་དོན་གནད་ཞིབ་བཤེར་བྱས་པ་བརྒྱུད། གནས་ཚུལ་ངོ་མ་ཡིན་ཚེ་གཤམ་གསལ་གཏན་འབེབས་གཞིར་བཟུང་ཐེར་འདོན་གོང་ཞུ་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་ཡིན་པ་སྟེ། ཐེར་འདོན་གོང་ཞུའི་ཁྲིམས་འགལ་བྱ་སྤྱོད་དེ་སྤྱིར་བཏང་རྨོ་ཞིང་མུའུ་10མན་དང་། ཡུན་རིང་གཞི་རྩའི་ཞིང་ཁ་མུའུ་5མན་གྱི་རིགས་ལ་ཁྲིམས་འགལ་ངང་བཟུང་སྤྱོད་དམ་གཏོར་བཤིག་གཏོང་བ་དང་འབྲེལ་བ་ཡོད་པའི་རིགས་ལ། ཞིབ་བཤེར་བྱས་པ་བརྒྱུད། གནས་ཚུལ་ངོ་མ་ཡིན་ཚེ་བྱ་དགའ་སྒོར་500སྤྲོད་རྒྱུ་དང་། སྤྱིར་བཏང་རྨོ་ཞིང་མུའུ་10(ཚུད་)ཡན་དང་ཡུན་རིང་གཞི་རྩའི་ཞིང་ཁ་མུའུ་5(ཚུད་)ཡན་ཁྲིམས་འགལ་ངང་བཟུང་སྤྱོད་དམ་གཏོར་བཤིག་གཏོང་བ་དང་འབྲེལ་བ་ཡོད་པའི་རིགས་ལ། ཞིབ་བཤེར་བྱས་པ་བརྒྱུད། གནས་ཚུལ་ངོ་མ་ཡིན་ཚེ་བྱ་དགའ་སྒོར་1000སྤྲོད་རྒྱུ།

བཅུ་གཉིས། ཐེར་འདོན་སྒྲིག་སྲོལ།

ཐེར་འདོན་གོང་ཞུའི་བྱ་དགའ་ལག་བསྟར་བྱེད་པར་གཤམ་གསལ་གྱི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་སྟེ། གཅིག་ནི་མི་མང་པོས་དོན་དག་གཅིག་ལ་ཐེར་འདོན་ཐེངས་མང་བྱས་ཚེ། དང་ཐོག་ཐེར་འདོན་གོང་ཞུ་བྱེད་མཁན་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་རྒྱུ་དང་། གཉིས་ནི་མི་མང་པོས་དོན་དག་གཅིག་ཐེར་འདོན་གོང་ཞུ་བྱས་ན། ཐེར་འདོན་གྱི་ཐོག་མའི་མིང་བཀོད་པའམ་ཐོག་མའི་ཡིག་ཐོག་གི་མངག་བཅོལ་གྱི་མིང་འགོད་མཁན་ལ་བྱ་དགའ་སྤྲོད་རྒྱུ། གསུམ་ནི་ཐེར་འདོན་གོང་ཞུ་བྱེད་མཁན་གཅིག་གི་ཐེར་འདོན་གོང་ཞུའི་དོན་གནད་གཅིག་ལ་བྱ་དགའ་བསྐྱར་དུ་སྤྲོད་རྒྱུ་མིན་པ། ཐེར་འདོན་གོང་ཞུ་བྱེད་མཁན་གཅིག་གིས་བཏོན་པའི་འབྲེལ་ཡོད་ཐེར་འདོན་གོང་ཞུའི་དོན་གནད་གཉིས་སམ་གཉིས་ཡན་ལ་ནང་དོན་གཅིག་མཚུངས་ཀྱི་ཆ་ཤས་ལ་བྱ་དགའ་བསྐྱར་དུ་སྤྲོད་རྒྱུ་མིན་པ་བཅས་ཡིན།

བཅུ་གསུམ། བྱ་དགའི་དངུལ་གྱི་ཞིབ་ཕྲའི་གྲངས་འབོར་གཏན་འཁེལ་དང་སྤྲོད་རྒྱུའི་བླང་བྱ།

བྱ་དགའི་དངུལ་གྱི་ཞིབ་ཕྲའི་གྲངས་འབོར་དེ་སྲིད་ཇུས་ཁྲིམས་སྲོལ་དང་ཁྲིམས་བསྟར་ལྟ་སྐུལ་ཁོའོ་ཡིས་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་འཆར་འགོད་བྱས་ཏེ། ཅུས་ཏང་ཙུའུ་ཡི་ཚོགས་འདུའི་ཐོག་ཞིབ་འཇུག་གཏན་འཁེལ་བྱས་རྗེས། ཐེར་འདོན་གོང་ཞུའི་བྱ་དགའི་དངུལ་ཐེངས་གཅིག་ལ་སྤྲོད་རྒྱུ།

བཅུ་བཞི། བྱ་དགའ་ལེན་པའི་བླང་བྱ།

ཐེར་འདོན་མཁན་ལ་བྱ་དགའ་ལེན་པའི་བརྡ་ཐོ་འབྱོར་རྗེས། ཉིན་60ཡི་ནང་ཚུན་དུརང་ཉིད་ཀྱི་གོ་ཆོད་ཐོབ་ཐང་ལག་ཁྱེར་དང་ལས་ཀའི་ཚན་པ། དེ་བཞིན་ལས་གནས་ཀྱི་ཆ་འཕྲིན་བཅས་ལ་བརྟེན་ནས་དམིགས་འཛུགས་ས་གནས་སུ་བྱ་དགའི་དངུལ་ལེན་པར་བསྐྱོད་དགོས་ལ། རང་ཉིད་ཀྱི་དངུལ་ཁང་གི་རྩིས་ཐོའི་ཨང་གྲངས་བརྒྱུད་རྩིས་སྒྱུར་བྱེད་པའི་རྣམ་པའི་ཐོག་ནས་བྱ་དགའི་དངུལ་ལེན་ཆོག

བཅོ་ལྔ། ལས་ཀའི་སྒྲིག་ཁྲིམས།

ཐེར་འདོན་གོང་ཞུའི་ཐག་གཅོད་ལས་ཀར་ཞུགས་མཁན་གྱིས་གསང་སྲུང་ལམ་ལུགས་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་། ཐེར་འདོན་གོང་ཞུ་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། ཐེར་འདོན་ཡིག་རིགས་ཉར་ཚགས་དང་བེད་སྤྱོད་འོས་འཚམ་བཅས་བྱ་དགོས་པ་ལས་རང་དགར་གནད་བཤུས་དང་། འདྲ་བཟོ། བཀག་ཉར། མེད་པར་བཟོ་བ་བཅས་བྱས་མི་ཆོག ཐེར་འདོན་གོང་ཞུ་བྱེད་མཁན་གྱི་མོས་མཐུན་མ་ཐོབ་པར། བྱ་ཐབས་གང་རུང་ལ་བརྟེན་ནས་ཐེར་འདོན་གོང་ཞུ་བྱེད་མཁན་གྱི་མིང་དང་། སྡོད་གནས། ཁ་པར། འབྲེལ་ཡོད་གྱོད་གཞི། བྱ་དགའ་དང་ལེན་སོགས་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱས་མི་ཆོག  གནས་ཚུལ་ཞིབ་དཔྱད་བྱེད་སྐབས།  ཐེར་འདོན་གོང་ཞུ་བྱེད་མཁན་གྱི་ཐོབ་ཐང་ཕྱིར་མངོན་མི་ཆོག་པ་དང་། མིང་མ་འགོད་པའི་ཐེར་འདོན་གོང་ཞུའི་འཕྲིན་ཡིག་དང་དཔྱད་གཞིའི་ཡིག་རིགས་ལ་གསལ་འབྱེད་ཟིན་བྲིས་བརྒྱབ་མི་ཆོག དྲིལ་བསྒྲགས་གནས་ཚུལ་གཏོང་སྤེལ་དང་ཐེར་འདོན་གོང་ཞུ་བྱས་ནས། བྱས་རྗེས་ཡོད་པའི་མི་སྣར་བྱ་དགའ་སྤྲོད་སྐབས་རང་ཉིད་ཀྱིས་མོས་མཐུན་བྱས་པ་ཕུད། ཐེར་འདོན་གོང་ཞུ་བྱེད་མཁན་གྱི་མིང་དང་ཚན་པ་ཡོངས་བསྒྲགས་བྱས་མི་ཆོག 

ལམ་སྲོལ་འདི་པར་འགྲེམས་བྱས་པའི་ཉིན་ནས་བཟུང་ཚོད་ལྟའི་ལག་བསྟར་བྱ་རྒྱུ་དང་། གོ་ཆོད་པའི་དུས་ཡུན་ལོ་2ཡིན་པ་དང་། མཇུག་མཐར་འགྲེལ་བཤད་རྒྱག་དབང་ལྷོ་ཁ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ལ་དབང་ཡོད།

扫一扫在手机打开当前页面